Bhutan Tourism- SN Excursions

  • Home
  • Bhutan Tourism- SN Excursions

Bhutan Tourism- SN Excursions Samphel Norzang Excursions (SN Excursions) is an authorized inbound tour operator in Bhutan. Customer Satisfaction is our motto.

Samphel Norzang Excursions (SN Excursions) is an authorized inbound tour operator in Bhutan and a member of the Association of Bhutanese Tour Operators catering to the requirement of visitors interested in cultural tours, eco tours, family tours, health tours, educational tours, trekking, biking, cycling, bird watching, wedding, honeymoon, filming, etc. Managed with highly skilled and experienced

professionals, SN Excursions specializes in providing memorable services to the best satisfaction of the visitors.

06/02/2020

ཚེ་དབང་རྡོ་རྗེ།
སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ཚུ་དང་ མི་དབང་རྒྱལ་སྲས་ དེ་ལས་ མི་དབང་སྐུ་འཁོར་ཚུ་ འབྲུག་དབང་འདུས་རྩེ་ལྷ་ཁང་གི་ བཀྲིས་རབ་གནས་ལུ་ ཆིབས་བསྐྱོད་གནང་ཡི།
དེ་བསྒང་ མི་རྗེ་བློན་ཆེན་དང་ གཞུང་གི་དཔོན་ཁག་ཚུ་དང་ དེ་ལས་ ལྷ་ཁང་ཉམས་གསོའི་ལཱ་ནང་ བཅའ་མར་གཏོགས་མི་ཚུ་གིས་ཡང་ བཀྲིས་རབ་གནས་ཀྱི་ རྟེན་འབྲེལ་དེ་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ལྷ་ཁང་དེ་ཁར་ སྤྱི་ཟླ་ ༡ པའི་ཚེས་ ༢༡ ལུ་ གསེར་ཏོག་བཀལ་ཡོདཔ་ད་ སྤྱི་ཟླ་ ༡ པའི་ཚེས་ ༢༤ ལས་ རབ་གནས་གནང་ནི་ འགོ་བཙུགས་ཏེ་ སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ མི་དབང་རྒྱལ་སྲས་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འཁྲིལ་ཏེ་ བཀྲིས་རབ་གནས་དེ་ དགའ་སྟོན་རྟེན་འབྲེལ་དང་བཅསཔ་སྦེ་ མཇུག་བསྡུ་ཡོདཔ་ཨིན་པས།
ལྷ་ཁང་དེ་ སྤྱི་ལོ་ ༡༧༡༥ ལོར་ འབྲུག་གི་སྡེ་སྲིད་ ཁྲི་རབས་ ༨ པའི་ གདན་ས་སྦེ་ གསར་བཞེངས་གནང་ཡོདཔ་ད་ ཐིམ་ཕུ་ལུ་ འབྲུག་དབང་འདུས་རྩེ་ ལྷ་ཁངདེ་ རྙིང་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་ཡོངས་སྲོལ་འཁྱུན་གྱི་ ས་ཁོངས་རྩ་ཅན་ཅིག་ཡང་ཨིན་པས།
ལྷ་ཁང་དེ་ཁར་ སྤྱི་ལོ་ ༢༠༡༡ ལུ་ ས་ཡོམ་གྱིས་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོདཔ་ལས་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གི་ དབུ་ཁྲིད་དང་ ལམ་སྟོན་བཟང་པོའི་འོག་ལུ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་ ལམ་སྲོལ་ལས་ཁུངས་ སྲོལ་འཁྱུན་ས་ཁོངས་ ཉམས་སྲུང་སྡེ་ཚན་གྱིས་ སྤྱི་ལོ་ ༢༠༡༣ ལས་ ཉམས་གསོའི་ལཱ་འགོ་བཙུགས་ནུག།
ལྷ་ཁང་དེ་གི་ གནའ་ཤུལ་བརྟག་ཞིབ་སྐབས་ལུ་ འགོ་ཐོག་རྐྱབ་མི་ ལྷ་ཁང་དེ་ ཕྱི་ནང་ ༢ ཀྱི་ བཟོ་བཀོད་ཚུ་ གཞན་དང་མ་འདྲ་བའི་གུ་ ལྷ་ཁང་གི་ ནང་རྟེན་གཙོ་བོ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པ་དང་ ཕྱི་ཁ་ལས་ཕར་ སྐོར་ར་རྐྱབ་ས་ཨིན་པའི་ མངོན་གསལ་བྱུང་ནུག།
དེ་མ་ཚད་ སྤྱི་ལོ་ ༡༧༨༣ ལོར་ འབྲུག་རྒྱལ་ཁབ་ནང་ ལྟ་སྐོར་ལུ་འོང་མི་ ས་མུལ་ཌེ་ཝིཛ་ཟེར་མི་གིས་ ལྷ་ཁང་གི་གདོང་ཁར་ ཤག་སྐོར་ཡོད་པའི་ ས་ཁྲ་བཀོད་མི་དང་འཁྲིལ་ཏེ་ སྔར་གྱི་བཟོ་བཀོད་ཐོག་ལུ་ རྒྱ་སྐྱེད་འབད་དེ་ ཤག་སྐོར་དང་བཅས་པ་ བསྐྱར་བཞེངས་འབད་བའི་གུ་ སྟོན་པའི་སྐུ་འདྲ་གིས་གཙོས་པའི་ བདེ་གཤེགས་ ༨ ཀྱི་ མཆོད་རྟེན་དང་ ལྡེབས་རིས་ལ་སོགས་པ་ཚུ་ཡང་ བསྐྱ་གསོ་ཞུ་ཡོདཔ་ཨིན་པའི་གནས་ཚུལ།

21/01/2020

སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ འཕྲི་སྣོན་དཔྱད་ཡིག་ ༢༠༡༩ ཅན་མའི་གུ་ གསུང་གྲོས་གནངམ་ད་ སྐྱེས་ལོ་ ༡༦ ལས་ ༡༨ ཀྱི་བར་ན་འབད་མི་ཚུ་ མོས་མཐུན་ཐོག་ལས་ འཁྲིག་སྤྱོད་འབད་མི་ལུ་ བཙན་གཡེམ་ཉེས་སྐྱོན་སྦེ་ མ་བརྩི་བ་ཅིན་ཟེར་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ འཕྲི་སྣོན་དཔྱད་ཡིག ༢༠༡༩ ཅན་མའི་ དོན་ཚན་ ༡༨༣ པའི་ནང་ དོན་ཚན་ཕྱིར་བཏོན་དང་ གསར་བཙུགས་འབད་མི་དེ་ གསལ་བཤད་འབད་མི་ལུ་ དུས་ཡུན་རིངམོ་སྦེ་ར་ གསུང་གྲོས་གནང་ཡོདཔ་ཨིན་པས།
དཔྱད་ཡིག་ནང་གསལ་ གལ་སྲིད་ རྩོད་ཟླ་ཅིག་གིས་ སྐྱེས་ལོ་ ༡༢ ལས་ ༡༨ ཚུན་གྱི་ ཨ་ལོ་ཚུ་ལུ་ འཁྲིག་སྤྱོད་ཀྱི་ བྱ་སྤྱོད་འཐབ་པ་ཅིན་ རྩོད་ཟླ་དེ་ ཨ་ལོ་སྐྱེས་ལོ་ ༡༢ ཡན་ཆད་ལུ་ བཙན་གཡེམ་ཉེས་སྐྱོན་ཨིན་ཟེར་ བརྩི་དགོཔ་སྦེ་ཡོད་མི་ལུ་ ཁྲིམས་བཟོ་ཚོགས་ཆུང་གིས་ ཆ་འཇོག་མཛད་ནུག།
ཨིན་རུང་ དཔྱད་ཡིག་ནང་ ཨ་ལོ་ ༡༦ ཡན་ཆད་ཀྱི་བར་ན་ མོས་མཐུན་ཐོག་ལུ་ འཁྲིག་སྤྱོད་འབད་བ་ཅིན་ བཙན་གཡེམ་གནོད་འགེལ་གྱི་ ཉེས་སྐྱོན་ཨིནམ་སྦེ་ བཀོད་དེ་ཡོད་མི་དེ ཁྲིམས་བཟོ་ཚོགས་ཆུང་གིས་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
ཚོགས་སྡེའི་ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ བུམོ་སྐྱེས་ལོ་ ༡༧ དང་ བུཚ་སྐྱེས་ལོ་ ༡༨ ལང་མི་ ༢ མོས་མཐུན་ཐོག་ལས་ འཁྲིག་སྤྱོད་འབད་རུང་ ཕོ་སྐྱེས་དེ་ལུ་ བཙོན་ཁྲིམས་ལོ་ངོ་ ༡༢ ལྷགཔ་ཅིག་ ཕོག་མི་དེ་ དུམ་གྲ་ཅིག་ མ་བཏུབ་པའི་སྐོར་ལས་ གསལ་བཤད་ཞུ་ཡི།
ཁྲི་འཛིན་འོགམ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ ཁྲིམས་འདུན་ལས་ དབང་བཙོང་ལུས་འབྲེལ་ལུ་ བརྩི་འཇོག་མཛད་དེ་ མི་སྡེ་དང་ བཟའ་ཚང་ དེ་ལས་ བཙོན་ཁྲིམས་ཕོག་མི་ཚུ་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཐོནམ་ཨིན་རུང་ ཧེ་མར་འབད་བ་ཅིན་ ཆུང་གཉེན་བཏགས་ནི་ཡོད་ཟེར་ཨིན་པས།
བུམ་ཐང་གི་འཐུས་མི་ ཉི་མ་གིས་ མི་སྡེའི་ནང་ འཛོམས་འདུ་རྐྱབ་པའི་སྐབས་ལུ་ སྐྱེས་ལོ་ ༡༦ དང་ ༡༨ ཀྱི་བར་ན་འབད་མི་ཚུ་ མོས་མཐུན་ཐོག་ལས་ འདོད་སྤྱོད་འབད་ཡོད་རུང་ ཕོ་སྐྱེས་དེ་ལུ་ བཙོན་ཁྲིམས་བཀལཝ་ད་ དཀའ་ངལ་ཡོད་ལུགས་ ཞུཝ་དང་འབྲེལ་ ཁྲིམས་ཀྱི་ཁ་ཐུག་ལས་ གནད་དོན་དེ་ལུ་ གོ་བ་བརྡ་སྤྲོད་འབད་ནི་དེ་ ལུས་སོངཔ་ཨིན་ན་དང་ ཨ་ལོ་ཆགས་པའི་སྐབས་ལུ་ བརྟག་དཔྱད་འབད་བར་ འོང་མ་བཏུབ་དང་ ཨ་ལོ་མངའ་བཤལ་བཏང་པའི་ དཀའ་ངལ་ཚུ་ཡོདཔ་ལས་ མི་ཚེ་གཅིག་ སྡུག་བསྔལ་གྱི་ངང་ལུ་ སྡོད་དགོ་པས་ཟེར་ཞུ་ཡི།
མོང་སྒར་གྱི་འཐུས་མི་ བསོད་ནམས་དཔལ་འཛོམས་ཀྱིས་ སྐྱེས་ལོ་ ༡༦ ལངམ་ད་ སློབ་རིམ་ ༡༠ པ་དང་ ༡༢ པའི་ནང་དཔེ་ཆ་ལྷབ་ནི་གི་ ལོ་ཚད་ཅིག་ཨིནམ་ལས་ མི་ཚེའི་གནས་སྟངས་ཀྱི་ མནོ་བསམ་བཏང་ནི་ལུ་ སྐྱེས་ལོ་ ༡༨ ལང་མི་དང་ཕྱདཔ་ད་ ཁྱད་པར་ཡོད་ཟེར་ཞུ་ཡི།
སྤ་རོའི་འཐུས་མི་གིས་ སྐྱེས་ལོ་ ༡༦ ཡན་ཆད་ལུ་ བཙན་གཡེམ་མིན་པར་ ཁྲིམས་མཐུན་ཨིནམ་སྦེ་ མཛད་དགོ་མི་དེ་ཡང་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ ཐོབ་དབང་སྤྱོད་ནིའི་ གོ་སྐབས་བཟོ་ཐབས་ལུ་ཨིནམ་མ་ཚད་ ལ་གོང་ ༣ གྱི་ མི་སེར་ཚུ་གིས་ རྒྱལ་ཁབ་སྲུང་སྐྱོབ་ཀྱི་དོན་ལུ་ མོས་མཐུན་ཐོག་ལས་ གཉེན་རྐྱབ་མ་ཆོག་པ་ཅིན་ ལ་ཁར་སྡོད་མི་ཡང་ མི་འཐོན་ནི་མས་ཟེར་ཞུ་ཡི།
ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ ཆོས་ཉིད་རྡོ་རྗེ་གིས་ བཙོན་པ་ཚུ་ལུ་ ཞིབ་དཔྱད་འབདཝ་ད་ སྐྱེས་ལོ་ ༡༦ ལས་ ༡༨ ཀྱི་བར་ན་འབད་མི་ཚུ་ ཕམ་ ༤ ངོ་འཛོམས་ཐོག་ལས་ གཉེན་རྐྱབ་བཅུག་ཡོད་རུང་ སྤུན་ཆ་གཞན་ཚུ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ རྩོད་བཤེར་འབད་དེ་ ཉེས་ཁྲིམས་ཕོག་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཞུ་ཡི།
ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ གནད་དོན་དེ་གི་སྐོར་ལས་ མཐའ་བཅད་གསུང་གྲོས་སྐབས་ལུ་ གྲོས་ཐག་གཅད་ནི་ཨིནམ་ལས་ ཁྲིམས་བཟོ་ཚོགས་ཆུང་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་གུ་ བསྐྱར་ཞིབ་འབད་དགོཔ་སྦེ་ གསུངས་ཡོད་པའི་གནས་ཚུལ།

21/12/2019

ལཱ་གཡོག་ས་སྟོང་གསལ་བསྒྲགས།

25/10/2019

གསལ་བསྒྲགས།

29/08/2019

སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ ཐིམ་ཕུ་རྫོང་ཁག་ ཉེས་རྩོད་ཁྲིམས་ཁྲིའི་ནང་ལས་ ནང་སྲིད་དང་ སྲོལ་འཛིན་བློན་པོ་ དྲགོས་ཤེས་རབ་རྒྱལ་མཚན་ལུ་ སྣུམ་འཁོར་ཉེན་བཅོལ་དང་འབྲེལ་བའི་ རྩོད་ཉོག་ནང་ ཉེས་པ་ཡང་ཕྲའི་ ཉེས་ཁྲིམས་ཐོག་ལུ་ ཟླ་ངོ་ ༢ ཀྱི་ བཙོན་ཁྲིམས་སྨིན་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ བློན་པོ་མཆོག་གི་ ཁྲིམས་དོན་ངོ་ཚབ་ཀྱིས་ ཆེ་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ཡོདཔ་ལས་ ཁྲིམས་གཞུང་དང་འཁྲིལཝ་ད་ ཆེ་མཐོའི་ཁྲིམས་འདུན་ལས་ འཁྲུན་ཆོད་མ་གནང་ཚུན་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ ཆ་མེད་ཨིནམ་ལས་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ གནས་ཚུལ་འདྲ་མིན་སྣ་ཚོགས་ བཀོད་མི་ཚུ་ཡང་ བདེན་ཁུངས་མེདཔ་ཨིན་པས།
མ་གཞི་ རྩོད་བཤེར་དེ་ ཉེས་རྩོད་ཨིན་པ་ལུ་བརྟེན་ཏེ་ མཐོ་གཏུགས་མ་ཞུ་བར་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ལུ་ར་ ཆ་གནས་བཞག་པ་ཅིན་ སྲིད་དོན་གྱི་ གནད་དོན་ཚུ་ནང་ རྩ་བ་ལས་ར་ གྲལ་གཏོགས་འབད་མི་ཆོག་ནི་ཨིནམ་ལས་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ བཀོད་དོ་བཟུམ་སྦེ་ར་ དུས་མིན་བཙག་འཐུ་འབད་དགོཔ་ ངེས་བདེན་ཨིན་པས།
ནང་སྲིད་བློན་པོ་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ འབྲུག་ཉེན་སྲུང་ལས་འཛིན་ཚད་ལས་ དངུལ་ཀྲམ་ ༢༢༦,༥༤༦ ལེན་ཡོད་མི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་བརྒྱུད་དེ་ འབྲུག་ཉེན་སྲུང་ལས་འཛིན་ལུ་ ལོག་སྤྲོད་དགོ་པའི་ བཀའ་རྒྱ་གནང་ཡོད་རུང་ བཙོན་ཁྲིམས་ཀྱི་ཐེད་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
ནང་སྲིད་བློན་པོའི་ ཁྲིམས་དོན་ངོ་ཚབ་ཀྱིས་ མཐོ་གཏུགས་འབད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཉེན་བཅོལ་ལེན་མི་དེ་ འོས་འབབ་ཡོདཔ་ལས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ ཁྲིམས་ཀྱི་དྲི་བཀོད་དང་ བདེན་པའི་རྣམ་གཞག་ལུ་ དྲི་བཀོད་འབད་དགོ་པའི་ གཞི་མཐོང་ཡི་ཟེར་ཨིན་པས།
ཁྲིམས་དོན་ངོ་ཚབ་ཀྱིས་ ཁྲིམས་ཀྱི་འདུན་སར་ བློན་པོ་ལུ་ འཛོལ་བ་མེད་པའི་སྐོར་ལས་ གནད་འགག་ཆེ་བའི་ སྒྲུབ་བྱེད་ཚུ་ ཕུལ་ཡོད་རུང་ ཐོག་མའི་ཁྲིམས་འདུན་གྱིས་ ལེགས་ཤོམ་སྦེ་ མ་གཟིགསཔ་མ་ཚད་ ཉེས་ཁྲིམས་བཀལ་མི་ཚུ་ཡང་ག་ར་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཁ་གསལ་མེད་པའི་ ངག་བརྗོད་རྐྱངམ་ཅིག་ལུ་ གཞིར་བཞག་ནུག་ཟེར་ཨིན་པས།
དེ་ལས་ གཞན་ཡང་ ཉེན་སྲུང་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་ བསོད་ནམས་རྡོ་རྗེ་གིས་ དྲགོས་ཤེས་རབ་རྒྱལ་མཚན་ལུ་ ཉེན་བཅོལ་ཐོབ་ལམ་གྱི་ འོས་འབབ་མེད་རུང་ འོས་འབབ་ཡོདཔ་ བཟོ་ནིའི་ནང་ གོ་གནས་ལོག་སྤྱོད་འབད་དེ་ གྲོགས་རམ་འབད་ཡོདཔ་ལས་ ལོ་ངོ་ ༡ གི་ བཙོན་ཁྲིམས་དང་ ལས་བྱེདཔ་ཨོ་རྒྱན་རྣམ་གྲོལ་གྱིས་ བཀོད་ཁྱབ་མདོ་ཆེན་གྱི་ བཀོད་རྒྱ་དང་འཁྲིལ་ཏེ་ ཉེན་བཅོལ་ཐོབ་ལམ་གྱི་དོན་ལུ་ ཡིག་ཆ་རྫུན་མ་ བཟོ་ཡོདཔ་ལས་ སྡོང་ཟླ་དང་ རྒྱུད་སྐུལ་འབད་བའི་ ཉེས་འཛུགས་ཐོག་ ཁོ་ལུ་ཡང་ ལོ་ངོ་ ༡ གི་ བཙོན་ཁྲིམས་སྨིན་དགོ་པའི་ བཀའ་རྒྱ་གནང་ནུག།
ཉེན་སྲུང་ལས་འཛིན་གྱི་ ལས་བྱེདཔ་གཞན་ སངས་རྒྱས་རྡོ་རྗེ་གིས་ཡང་ ཤེས་བཞིན་དུ་ ཐོབ་བརྗོད་ཚོགས་ཆུང་གི་ གྲོས་ཆོད་ནང་ མིང་རྟགས་བཀོད་ཡོདཔ་ལས་ ཁོ་ལུ་ཡང་ སྡོང་ཟླ་དང་ རྒྱུད་སྐུལ་འབད་བའི་ ཉེས་འཛུགས་ཐོག་ ལོ་ངོ་ ༡ གི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ཡོངས་ཁྱབ་འཛིན་སྐྱོང་པ་ སངས་རྒྱས་དབང་འདུས་ཀྱིས་ ཨོ་རྒྱན་རྣམ་གྲོལ་ལུ་ ཡིག་ཆ་རྫུན་མ་ བཟོ་བཅུག་སྟེ་ ལོག་འདྲེན་གྱི་ གནོད་འགེལ་དང་ ཐོབ་བརྗོད་ཚོགས་ཆུང་གི་ གྲོས་ཆོད་རྫུན་མ་བཟོ་སྟེ་ གཡོ་སྒྱུའི་གནོད་འགེལ་འབད་བའི་ཁར་ སྡོང་ཟླ་དང་ རྒྱུད་སྐུལ་གྱི་ གནོད་འགེལ་ཡང་འབད་ཡོདཔ་ལས་ ཟླ་ངོ་ ༦ གི་ བཙོན་ཁྲིམས་བཀལ་ནུག།
དེ་ལས་ སྣུམ་འཁོར་བཅོ་ཁང་གི་ཇོ་བདག་ ཡོན་ཏན་ཕུན་ཚོགས་ཀྱིས་ སྣུམ་འཁོར་དེ་ ཁོ་གི་བཅོ་ཁང་ནང་ བཅོ་ཁ་རྐྱབ་ཡོད་པའི་ འཛིན་ཤོག་རྫུན་མ་ བཟོ་ནིའི་ནང་ སྡོང་ཟླ་དང་ རྒྱུད་སྐུལ་འབད་ཡོདཔ་ལས་ ཁོ་ལུ་ཡང་ ཟླ་ངོ་ ༦ གི་ བཙོན་ཁྲིམས་བཀལ་ཡོདཔ་ད་ དེ་སྦེ་ བཙོན་ཁྲིམས་ཕོག་མི་ག་ར་གིས་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པའི་གནས་ཚུལ།

03/07/2019

ད་རིས་ རང་ཟླ་ ༥ པའི་ཚེས་ ༡ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ འཕགས་པའི་དགེ་འདུནམ་ཚུ་གིས་ དཔལ་ཡེ་ཤེས་མགོན་པོ་ ལྕམ་དྲལ་གསུམ་གྱིས་གཙོས་པའི་ དཔལ་ལྡན་འབྲུག་པའི་ ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་མཆོད་ཕུལ་གནངམ་ཨིན་པས།

དེ་ཡང་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ བདུན་ཕྲག་ ༡ གི་རིང་ལུ་ འཚོགས་གནང་མི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་ ༣ པ་དེ་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ གྲོལ་གནང་པའི་ བཀྲིན་གཏང་རག་ལུ་ཨིན་པས།

རང་ཟླ་ ༤ པའི་ཚེས་ ༢༤ སྤྱི་ཟླ་ ༦ པའི་ཚེས་ ༢༦ ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ དགེ་སློང་ཞལ་གྲངས་ ༡,༠༠༠ ལྷགཔ་ཅིག་དང་ དད་ལྡན་མི་སེར་ སྐྱ་སེར་ཕོ་མོ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ སྨོན་ལམ་ཆེན་མོ་ གནང་མི་དེ་ ཁ་ཙ་ རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ གྲོལ་གནང་ནུག།

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ནངས་པར་ རང་ཟླ་ ༥ པའི་ཚེས་ ༢ སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ ཉིན་མའི་ཆུ་ཚོད་ ༡༠ ལས་ ཀུན་མཁྱེན་པདྨ་དཀར་པོའི་ བླ་སྒྲུབ་ཀྱི་ དབང་ལུང་ཚུ་ གནང་ནི་ཨིནམ་ད་ དྲོ་པའི་ཆུ་ཚོད་ ༦ ལས་ ༩ ཚུན་ བསངས་མཆོད་རྒྱས་པ་ གནང་ནི་ཨིན་པའི་གནས་ཚུལ།

02/07/2019

ད་རིས་ རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ ཉིམ་གཟའ་འཛིན་ཡོདཔ་ལས་ མི་མང་ག་ར་གིས་ ཕྱག་མཆོད་སྦྱིན་གཏོང་དང་ ཁ་ཐུན་དགེ་སྦྱོར་ལ་སོགས་པ་ཚུ་ལུ་ བརྩོན་གནང་པ་ཅིན་ ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཟེར་ཨིན་པས།
དེ་ཡང་ དགེ་སྡིག་སྤང་བླངས་ཚུ་ ག་ཅི་རང་འབད་རུང་ ཟླ་འཛིན་ཀྱི་སྐབས་ལུ་ བྱེ་བ་བདུན་འགྱུར་དང་ ཉི་འཛིན་གྱི་སྐབས་ལུ་ བྱེ་བ་འབུམ་འགྱུར་ཡོད་ལུགས་ཚུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གསུངས་གནང་ནུག།
མ་གཞི་ ཉིམ་གཟའ་འཛིན་དེ་ ང་བཅས་རའི་ རྒྱལ་ཁབ་ནང་ མི་མང་གིས་ མཐོང་སྣང་ལུ་ མི་འབྱུང་ནི་ཨིན་རུང་ ནུབ་གླིང་ཚུ་ནང་ མཐོང་ཚུགས་ནི་ཨིནམ་ད་ དེ་ཡང་ ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ ཅི་ལེ་དང་ ཨར་ཇེན་ཊི་ན་ཚུ་ནང་ མཐོང་ཚུགས་ཟེར་ བི་བི་སིའི་ གནས་ཚུལ་ཅིག་ནང་ བཀོད་འདུག་པའི་གནས་ཚུལ།

16/05/2019

སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ མི་རྗེ་བློན་ཆེན་མཆོག་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་གཙོས་པའི་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ ལག་ལེན་གཙོ་འཛིན་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ སྐུ་སྲུང་དམག་སྡེའི་ བཀོད་དཔོན་ཚུ་གིས་ ཡབ་དྲགོས་ཨྱོན་རྡོ་རྗེ་གཤགས་མིའི་ དྲོ་ལྟོ་བཞིའི་ གསུང་ཆོག་དང་ བསྔོ་སྨོན་གནང་སར་ གྲལ་གཏོགས་འབད་་ཡོདཔ་ཨིན་པས།

འོ་ལ་ཁ་ལུ་ དགེ་རྩའི་གསུང་ཆོག་ཚུ་་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ གནང་དོ་ཡོདཔ་ད་ དགུང་ལོ་ ༩༤ བཞེས་མི་ ཡབ་དྲགོས་ཨྱོན་རྡོ་རྗེ་མཆོག་ སྤྱི་ཟླ་ ༥ པའི་ཚེས་ ༡༢ ལུ་ གཤགས་ཡོད་པའི་གནས་ཚུལ།

29/04/2019

The Gyalchi Sarshog is only private Dzongkha newspaper that exists in the country with coverage of seventeen Dzongkhags. Notwithstanding this, we do have thousands of people who view our paper daily on our website at www.gyalchi.com and Face Book Pages.
Therefore, we are confident that you will render your valuable support in terms of placing your advertisement in our newspaper also to make it sustainable in the long run.
For more information, please contact us at telephone: +975 02 333183 fax: +973 02 333304 email: [email protected] website: www.gyalchi.com
Thanking you for your kind continue support and cooperation.
Management

12/04/2019

སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨ་ལོ་ཚབས་ཆེན་སྨན་བཅོས་ཀྱི་ རྒྱ་སྐྱེད་སྡེ་ཕྲན་ སྒོ་འབྱེད་མཛད་གནང་ཡི།
དེ་བསྒང་ མི་དབང་རྒྱལ་ཡུམ་མཆོག་གིས་ ཀེན་སར་གྱི་ ནདཔ་ཚུ་ལུ་ ན་ཟུག་འཇོམས་མི་ སྨན་བཅོས་བྱིན་ནིའི་དོན་ལས་ གྲོགས་རམ་སྦེ་དངུལ་ཀྲམ་ས་ཡ་ ༡ ཡང་ གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ ན་ཧིང་ སྡེ་ཕྲན་དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་ ༦ གནས་མི་ ཚབས་ཆེན་སྨན་བཅོས་ཀྱི་ ཉལ་ཁྲི་དང་ ལྟ་རྟོག་འཕྲུལ་ཆས་ རླུང་སྒོ་ སྨན་ཁབ་ དེ་ལས་ འཐེན་འཇིབ་འཕྲུལ་ཆས་ལ་སོགས་པ་ཚུ་ མཁོ་སྒྲུབ་མཛད་དེ་ གནང་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༩ པའི་ནང་ རྒྱ་སྐྱེད་སྡེ་ཕྲན་དེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཉལ་ཁྲི་ ༤ གི་ཐོག་ལས་ གཞི་བཙུགས་འབད་བའི་ཤུལ་ལས་ སྤྱི་ལོ་ ༢༠༡༤ ལུ་ ཉལ་ཁྲི་ ༡ ཁ་སྐོང་བཙུགས་འདུག་པའི་གནས་ཚུལ།

02/03/2019

རྒྱ་པཱན་ལུ་ དཔེ་ཆ་ལྷབ་ནི་དང་འབྲེལ་ཏེ་ ལཱ་འབད་བར་འགྱོ་མི་ འབྲུག་པའི་ན་གཞོན་ཚུ་གིས་ དངུལ་ཁང་ནང་ལས་ སྐྱིན་འགྲུལ་ལེན་མི་ཚུ་ ཤེས་ཡོན་སྦྱང་མ་ཚར་ཚུན་ཚོད་ སྐྱིན་ཚབ་སྤྲོད་མ་དགོཔ་སྦེ་ དུས་ཡུན་ཕར་འགྱངས་ཐོག་ལུ་ གཞུང་གི་ཁ་ཐུག་ལས་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ གནས་ཚུལ་ཞལ་འཛོམས་སྐབས་ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ གསུངས་ཡོདཔ་ད་ བཀའ་རྒྱ་དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ སྙན་ཞུ་ཕུལ་ཏེ་ ཟླཝ་ ༡ གི་རྒྱབ་ལས་ བཏོན་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ལོ་ངོ་ ༤ གི་རིང་ལུ་ རྒྱ་པཱན་གྱི་ ཁ་སྐད་སྦྱང་དགོ་མི་ སློབ་རིམ་ ༡༢ པའི་ ན་གཞོན་ཚུ་གིས་ སྐྱིན་ཚབ་སྤྲོད་ནི་གི་ དུས་ཡུན་དེ་ ལོ་ངོ་ ༤ ཚུན་དང་ མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་མི་ ན་གཞོན་ཚུ་གི་དོན་ལུ་ ལོ་ངོ་ ༢ ཚུན་ ཕར་འགྱངས་མཛད་ཅི་ཟེར་ཨིན་པས།
རྒྱ་པཱན་ལུ་འགྱོ་མི་ ན་གཞོན་ཚུ་གིས་ སྐྱིན་འགྲུལ་ཚུ་ཡང་ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་གཞུང་ཉེན་སྲུང་ལས་འཛིན་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ཚུ་ལས་ ལེན་ཡོདཔ་ད་ ད་ལས་ཕར་ སྐྱིན་ཚབ་སྤྲོད་ནིའི་དོན་ལུ་ ཚ་གྱང་ལང་མི་དགོ་ནི་ཨིན་པས།
དངུལ་སྐྱེད་ཀྱི་ཐེད་ལུ་ དགོངས་ཡངས་གནང་ནི་གི་ འོས་འབབ་མེད་མེདཔ་ལས་ དངུལ་འབྲེལ་ལས་སྡེ་ཚུ་གི་ ལམ་ལུགས་དང་འཁྲིལ་ཏེ་ སྤྲོད་དགོཔ་ཨིན་རུང་ དུས་ཡུན་ཕར་འགྱངས་ཀྱི་རིང་ལུ་ ངོ་སྐྱེད་ཅིག་ཁར་བརྡབས་ཏེ་ ཚད་གཞི་བསྐྱར་གསོ་འབད་ནི་ཨིནམ་ལས་ སྐྱིན་ཚབ་དེ་ ཤེས་ཡོན་སྦྱང་ཚར་པའི་ཤུལ་ལུ་ སྤྲོད་དགོ་ནི་ཨིན་པས།
རྒྱ་པཱན་ལུ་ ན་གཞོན་ ༧༠༠ དེ་ཅིག་ སོང་ཡོདཔ་ད་ དངུལ་ཁང་ཚུ་ལས་ ན་གཞོན་རེ་གིས་ དངུལ་ཀྲམ་ ༦༠༠,༠༠༠ དང་ ༧༠༠,༠༠༠ དེ་རེ་ སྐྱིན་འགྲུལ་ལེན་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ རྒྱ་པཱན་ལུ་འགྱོ་མི་ ན་གཞོན་ཚུ་གིས་ སྐྱིན་ཚབ་སྤྲོད་ནི་ལུ་ ཚ་གྱང་ལང་དགོཔ་མེདཔ་ལས་ ཤེས་ཡོན་དེ་ རྩ་འགེངས་ཏེ་ ལྷབ་དགོ་ཟེར་ཨིནམ་ད་ ཤེས་ཡོན་སྦྱང་ཚར་བའི་ཤུལ་ལུ་ཡང་ ལཱ་གཡོག་འཚོལ་ནིའི་དོན་ལས་ གཞུང་གིས་ རྒྱབ་སྐྱོར་མཛད་འོང་ཟེར་ཨིན་པས།
མ་གཞི་ རྒྱ་པཱན་ལུ་འགྱོ་མི་ ན་གཞོན་ཚུ་གི་ གནད་དོན་དེ་ ཚ་གྱང་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ཨ་ལོའི་ཕམ་ཚུ་གིས་ ཚོགས་ཆུང་ཅིག་བཟོ་སྟེ་ ངོ་ཚབ་ཚུ་དང་ ཁྲིམས་དོན་འགོ་དཔོན་ཅིག་ རྒྱ་པཱན་ལུ་ གནས་སྟངས་བལྟ་བར་ སོང་ཡོདཔ་བཞིན་དུ་ ད་རེས་ནངས་པར་ རྒྱལ་ཁབ་ནང་ ལོ་རྒྱུས་འདྲ་མིན་སྣ་ཚོགས་ སླབ་དོ་ཡོདཔ་ལས་ མ་འོངས་པ་ལུ་ བྱ་སྟབས་མ་བདེཝ་ མི་འཐོན་ག་མནོ་བའི་ ཚ་གྱང་ཡོད་ཟེར་ མི་རྗེ་བློན་ཆེན་མཆོག་གིས་ གསུངསམ་ཨིན་པས།
གཞུང་གི་ཁ་ཐུག་ལས་ ལས་གཡོག་བློན་པོའི་ འགོ་ཁྲིད་ཐོག་ལུ་ འཐུས་མི་སྡེ་ཚན་ཅིག་ རྒྱ་པཱན་ལུ་ གཏང་ནི་གི་ ལས་རིམ་བཟོ་ཡོད་རུང་ དྲི་དཔྱད་འབད་བར་ཨིན་པའི་ མཐོང་སྣང་འབྱུང་ནི་ཨིནམ་ལས་ བཤོལ་བཞག་ཅི་ཟེར་ཨིན་པས།
སྐྱིན་ཚབ་ཀྱི་ དུས་ཡུན་ཕར་འགྱངས་དེ་ སྤྱི་ཟླ་ ༣ པའི་ཚེས་ ༡ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ རྒྱ་པཱན་ལུ་ཡོད་མི་དང་ འབྲུག་ལུ་ ལོག་ལྷོད་མི་ ན་གཞོན་ཚུ་གིས་ དངུལ་ཁང་ཚུ་དང་ བསྐྱར་གསོའི་བྱ་རིམ་ཚུ་ ཟླ་ངོ་ ༣ གྱི་ ནང་འཁོད་ལུ་ མཇུག་བསྡུ་དགོ་ཟེར་ ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ གསུངསམ་ཨིན་པའི་གནས་ཚུལ།

02/03/2019

འབྲུག་ལུ་ ལྟ་བཤལ་དེ་ ལས་སྡེ་གཞན་ཚུ་ལས་ མཐོ་ཤོས་ཟེར་མི་དེ་ འོང་འབབ་མངམོ་དང་ གྱངས་ཁ་ཉུང་སུ་ དེ་ལས་ ལམ་སྲོལ་དང་ རང་བཞིན་གནས་སྟངས་ལ་སོགས་པ་ཚུ་ལུ་ ཐོ་མ་ཕོགཔ་སྦེ་ བཞག་ནི་ལུ་ གོ་ནི་ཨིནམ་ད་ གཞུང་གིས་ཡང་ ལྟ་བཤལ་ལུ་ རྒྱལ་ཁམས་ཀྱི་ ལས་རིམ་ཅིག་སྦེ་ ཆ་གནས་ཐོག་ལུ་ རྒྱབ་སྐྱོར་ཧྲིལ་བུ་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསུངས་ཡོདཔ་ད་ གཞུང་གིས་ ལྟ་བཤལ་ལེགས་བསྒྱུར་གྱི་དོན་ལུ་ ཁྲི་འཛིན་ལས་ འགོ་བཙུགས་ཏེ་ འགོ་ཁྲིདཔ་ཚུ་ཡང་ བརྗེ་སོར་མཛད་དེ་ ཕྱི་རྒྱལ་དང་ འབྲེལ་བ་ཡོད་མི་ ཕྱི་འབྲེལ་བློན་པོ་དེ་ ཁྲི་འཛིན་སྦེ་ བསྐོ་བཞག་མཛད་ཡོདཔ་ཨིན་པས།
དེ་མ་ཚད་ ཕྱི་རྒྱལ་གྱི་ སྲིད་བྱུས་ཚུ་ ལྟ་བཤལ་ནང་ ལག་ལེན་འཐབ་ནི་ཨིནམ་ལས་ འབྲུག་གི་གཞུང་ཚབ་ཚུ་ རྒྱལ་ཁབ་ཀྱི་ ལྟ་བཤལ་སྐུ་ཚབ་སྦེ་ཡང་ བཟོ་ནི་ཨིནམ་ད་ ལྟ་བཤལ་ཡར་རྒྱས་གཏང་མི་ ངོ་ཚབ་ངོ་མ་ཅིག་ བརྡ་བརྒྱུདཔ་ཚུ་ཡང་ཨིན་ཟེར་ མི་རྗེ་བློན་ཆེན་མཆོག་གིས་ གསུངསམ་ཨིན་པས།
ད་རེས་ནངས་པར་ འགྱུར་བ་གསརཔ་ཅིག་ ལྟ་བཤལ་བཀོད་ཚོགས་ཀྱི་ འཐུས་མི་ཚུ་ བརྗེ་སོར་ཐོག་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གི་ནང་ལས་ འོས་འབབ་ཅན་གྱི་ འཐུས་མི་ཚུ་ བསྐོ་བཞག་འབད་བའི་ཁར་ ལུང་ཕྱོགས་ལྟ་བཤལ་ གོང་འཕེལ་གཏང་ཐབས་ལུ་ གནས་སྐབས་ཅིག་གི་དོན་ལས་ ཤར་ཕྱོགས་ཁ་ཐུག་ལུ་ བཀྲ་ཤིས་གཡང་རྩེའི་ རྫོང་བདག་དང་ ལྷོ་ཕྱོགས་ལུ་ གསར་སྤང་རྫོང་བདག་དེ་ བསྐོ་བཞག་གནང་ཡི་ཟེར་ཨིན་པས།
ལྟ་བཤལ་དེ་ རྒྱལ་ཁབ་ནང་ འོང་འབབ་མཐོ་ཤོས་བཟོ་མི་ ཨང་ ༢ པ་དང་ ལཱ་གཡོག་བྱིན་མི་ ལས་སྡེ་སྦོམ་ཤོས་ཅིག་ཨིནམ་ལས་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལྟ་བཤལ་གྱི་ དུས་ཚོད་མེད་པར་ ནམ་དུས་ག་རའི་ནང་ ས་གནས་ཁག་སོ་སོའི་ ཁྱད་ཆོས་དང་ འོས་འབབ་དང་འཁྲིལ་ཏེ་ ལྟ་བཤལཔ་འོང་ཚུགསཔ་ བཟོ་ནི་ལ་སོགས་པའི་ གནས་སྐབས་གསརཔ་ཚུ་ སྟོན་དགོ་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལྟ་བཤལ་དེ་ ལས་སྡེ་གཞན་ཚུ་ལས་ མཐོ་ཤོས་ཅིག་སྦེ་ བཟོ་ནི་གི་ འོས་འབབ་ཡོད་རུང་ དང་པ་ར་ སྲིད་བྱུས་ཏན་ཏན་ མེད་མི་དང་ བྱ་སྟབས་མ་བདེཝ་ གཞན་ལེ་ཅིག་ཡོད་རུང་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ སེལ་ཚུགས་ཟེར་ཨིན་པས།
དེ་ཡང་ དཔྱེ་འབད་བ་ཅིན་ ད་རེས་ནངས་པར་ རྒྱལ་ཁབ་ནང་ ལོ་ངོ་ ༡ གི་ ནང་འཁོད་ལུ་ ལྟ་བཤལཔ་མཐོ་ཤོས་ ༣༠༠,༠༠༠ དེ་ཅིག་ འོང་ མི་དེ་ འབྲུག་ལས་ ས་རྒྱ་ཚར་ ༥༣ དེ་ཅིག་གིས་ཆུང་མི་ སིངྒ་པུར་ རྒྱལ་ཁབ་བཟུམ་ཅིག་ལུ་ ལོ་ངོ་ ༡ ནང་ ལྟ་བཤལཔ་ས་ཡ་ ༡༣ དེ་རེ་ འོང་དོ་ཡོད་མི་དེ་ འཛིན་སྐྱོང་འཐབ་ཚུགས་པ་ཅིན་ འབྲུག་ལུ་ ལྟ་བཤལཔ་ས་ཡ་ ༡ དེ་ཅིག་ འཛིན་སྐྱོང་འཐབ་མ་ཚུགསཔ་ མི་འོང་ཟེར་ཨིན་པས།
ཨིན་རུང་ དེ་གི་ཧེ་མར་ སྲིད་བྱུས་དང་ ལམ་སྟོན་ཚུ་ སྒྲིང་སྒྲིང་བཟོ་དགོཔ་ གལ་ཆེ་མི་དེ་ཡང་ འོང་འབབ་སྦོམ་དང་ གནོད་པ་ཉུང་སུའི་ཐོག་ལས་ ལྟ་བཤལཔ་འོང་བཅུག་ནི་གི་ དམིགས་དོན་དང་འཁྲིལ་ཏེ་ ལམ་ལུགས་དེ་ར་ ལེགས་ཤོམ་ཡོད་པ་ཅིན་ གྱངས་ཁ་དུམ་གྲ་ཅིག་ ཡར་སེང་འགྱོ་རུང་ ཁྱད་པར་སྦོམ་ཅིག་ མི་བཟོ་འོང་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ འབྲེལ་ཡོད་ལྷན་ཁག་དང་ ལས་སྡེ་ སྒེར་སྡེ་ཚུ་ལས་ འཐུས་མི་ག་ར་ཚང་པའི་ རྒྱལ་ཡོངས་ལྟ་བཤལ་ཞལ་འཛོམས་ནང་ གྲོས་འཆར་ཞུ་མི་ཚུ་ བསྡུ་སྒྲིག་འབད་དེ་ཡོད་པ་ལས་ གཞུང་ལུ་ཕུལ་ཏེ་ ལྟ་བཤལ་གོང་འཕེལ་གྱི་ལཱ་ཚུ་ འགོ་བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་མ་ཚད་ ལྟ་བཤལ་དེ་ ལས་སྡེ་མཐོ་ཤོས་ཅིག་སྦེ་ ལོ་ངོ་ ༥ གི་ ནང་འཁོད་ལུ་ བཟོ་མ་ཚུགས་རུང་ འཆར་གཞི་ ༡༣ པའི་ནང་ ག་དེ་འབད་རུང་ དམིགས་གཏད་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

22/02/2019

སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བསམ་གྲུབ་ལྗོངས་མཁར་གྱི་ རྟེན་འབྲེལ་ཐང་ནང་སྦེ་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ ཐེངས་ ༥ པ་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་མ་ཚད་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ཡང་ བྱོན་གནང་ཡི།
དུས་ཅི་གི་ མེ་ཏོག་འགྲེམ་སྟོན་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་ ༣༩ བཞེས་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་གི་དོན་ལས་ བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེ་གིས་ འགོ་ཁྲིད་ཐོག་ལུ་ ཚོགས་ཆུང་ཅིག་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འགྲེམ་སྟོན་དེ་ནང་ མི་རྗེ་བློན་ཆེན་དང་ གཞུང་གི་དཔོན་ཁག་ཚུ་གིས་གཙོ་པའི་ བསམ་གྲུབ་ལྗོངས་མཁར་གྱི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ འབྲུག་ལུ་ རྒྱ་གར་གཞུང་ཚབ་དང་ ཁྱིམ་མཚེས་མངའ་སྡེ་ རྒྱ་གར་ཨ་སམ་གྱི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡི།
མེ་ཏོག་འགྲེམ་སྟོན་དེ་ འགོ་འབྱེད་དང་འབྲེལ་ཏེ་ མི་དབང་ཞབས་ལུ་ འགོ་འདྲེན་འཐབ་མི་ སྡེ་ཚན་དང་ གཞུང་གི་ཁ་ཐུག་ལས་ འཁྲུངས་སྟོན་བརྩི་སྲུང་གི་ བརྡ་མཚོན་ལུ་ མངར་ཟས་ཀེག་ ཕུལ་ཡོདཔ་མ་ཚད་ རང་ལུགས་ཀྱི་ ཞབས་བྲོ་ཚུ་ཡང་ སྤྱན་འབུལ་ཞུ་ཡི།
དུས་ཅི་ བསམ་གྲུབ་ལྗོངས་མཁར་གྱི་ རྟེན་འབྲེལ་ཐང་ནང་སྦེ་ འགོ་འདྲེན་འཐབ་མི་ མེ་ཏོག་འགྲེམ་སྟོན་གྱི་དོན་ལུ་ སོ་ནམ་ལྷན་ཁག་དང་ སྒེར་སྡེ་ལྕང་སོན་གསོ་སྐྱོང་ཁང་ དེ་ལས་ བསམ་གྲུབ་ལྗོངས་མཁར་ དམག་སྡེ་ཚུ་ མཉམ་རུབ་ཐོག་ལས་ ས་ཁོངས་གོང་འཕེལ་བཏང་མིའི་ནང་ བསམ་གྲུབ་ལྗོངས་མཁར་དང་ ཁྱིམ་མཚེས་ཚོང་པ་ཚུ་གིས་ བཟོ་རིག་ལག་ཆ་ཚུ་དང་ དྲན་རྟེན་ཚུ་ བཀྲམ་སྟོན་འབད་ཡོདཔ་མ་ཚད་ ནང་པའི་སྨན་རིགས་དང་ ལྟ་བཤལ་བརྡ་དོན་གྱིས་གཙོས་པའི་ བཞེས་སྒོའི་རིགས་ཚུ་ཡང་ བཙོངམ་ཨིན་པས།
ས་གནས་ཀྱི་ མི་སེར་དང་ ཚོང་པ་ཚུ་གིས་ བཅའ་མར་གཏོགས་ཐོག་ལས་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ མེ་ཏོག་ལྡུམ་ར་ མང་རབས་ཅིག་ བཟོ་ཡོདཔ་མ་ཚད་ རང་སོའི་སྡོད་ཁྱིམ་དང་ ཚོང་ཁང་ཚུ་གི་ མཐའ་སྐོར་ལུ་ཡང་ མེ་ཏོག་ཚུ་ བཙུགས་ཡོདཔ་ཨིན་པས།
རྟེན་འབྲེལ་ཐང་གི་ཕྱི་ཁར་ ཁྲོམ་སྡེའི་ནང་བཙུགས་མི་ མེ་ཏོག་ཚུ་ གཏན་འཇགས་ཀྱི་དོན་ལུ་ མཛེས་ཆ་དང་ལྡནམ་སྦེ་ བཞག་ནི་ཨིནམ་ད་ གཏན་འཇགས་མེ་ཏོག་གི་ སྡུམ་རའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ལྕང་སོན་ ༡༧༠༠ གསོལ་རས་སྦེ་ གནང་ཡོདཔ་བཞིན་དུ་ སྤྱི་ཟླ་ ༡ པའི་ནང་ལས་ འགོ་བཙུགས་ཏེ་ ལཱ་འབད་ཡོདཔ་ཨིན་པས།
འབྲུག་རྒྱལ་འཛིན་ མེ་ཏོག་འགྲེམ་སྟོན་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ སྤྱི་ལོ་ ༢༠༡༥ ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ས་ཁོངས་ཚུ་ མཛེས་ཆ་དང་ལྡནམ་སྦེ་ བཞག་ཐབས་ལུ་དང་ དཔལ་འབྱོར་གྱི་ ལས་སྣའི་རིགས་ གོང་འཕེལ་གཏང་ཐབས་ལུ་ཨིན་པས།
མེ་ཏོག་འགྲེམ་སྟོན་དེ་ སྤྱི་ཟླ་ ༢ པའི་ཚེས་ ༢༧ ཚུན་ མི་མང་གི་དོན་ལས་ སྒོ་ཕྱེ་སྟེ་ བཞག་ནི་ཨིན་པའི་གནས་ཚུལ།

19/02/2019

སྤྱི་ཟླ་ ༢ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀྲ་ཤིས་ཆོས་རྫོང་ནང་སྦེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ དམག་སྲིད་འཆི་མེད་རྡོ་རྗེ་ལུ་ མདོ་འཛིན་གྱི་ གོ་གནས་གནང་ཡི།
དེ་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ བཙན་སྐྱོགས་རྡོ་རྗེ་དེ་ ཞལས་ཏོག་ལྷན་ཁག་གི་ དྲུང་ཆེན་དང་ འབྲུག་རྒྱལ་ཡོངས་ ཁྲིམས་དོན་སློབ་སྡེའི་ དྲང་དཔོན་རབ་འབྱམས་ བསྟན་འཛིན་དེ་ པདྨ་དགའ་ཚལ་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ཡི།
དེ་མ་ཚད་ བཀྲིས་སྒང་ བསམ་མཁར་རྒཔོ་སྦེ་ བཙགས་འཐུ་གྲུབ་མི་ འཇམ་དབྱངས་ལུ་ཡང་ བཀྲ་ཤིས་ལེགས་དར་ གནང་ཡོད་པའི་གནས་ཚུལ།

04/02/2019
30/01/2019
30/01/2019

སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སློབ་རིམ་ ༡༢ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཡོདཔ་ད་ སྤྱི་ལོ་ ༢༠༡༨ ཀྱི་ འབྲིང་རིམ་སློབ་གྲྭ་གོང་མ་དང་ སྐད་ཡིག་དང་ ལམ་སྲོལ་འབྲིང་རིམ་སློབ་གྲྭའི་ ཆོས་རྒྱུགས་ནང་ལས་ ནང་རིག་ཆོས་ཚན་ནང་མ་གཏོགས་ ཆོས་ཚན་གཞན་གེ་རའི་ནང་ སྒེར་སྡེ་སློབ་གྲྭའི་ནང་ལས་ དྲག་ཤོས་ཐོན་ཡོདཔ་ཨིན་པས།

དེ་ཡང་ ཚན་རིག་དང་ ཚོང་རིག་ཆོས་རྒྱུགས་ནང་ལས་ ཨང་དང་པ་གཉིས་ཆ་ར་ སྤུ་ན་ཁ་ ཨོ་རྒྱན་རིག་པའི་འབྱུང་གནས་ སློབ་གྲྭ་ཆེ་བ་ལས་ ཐོན་ཡོདཔ་ད་ སྐད་ཡིག་དང་ ལམ་སྲོལ་འབྲིང་རིམ་སློབ་གྲྭའི་ ཆོས་རྒྱུགས་ནང་ ཐིམ་ཕུ་སྡེ་སྲིད་སློབ་གྲྭ་ལས་ ཨང་དང་པ་ཐོན་ནུག།

ཚན་རིག་ནང་ ཨྱོན་རིག་པའི་འབྱུང་གནས་ལས་ ཚེ་རིང་དབང་མོ་གིས་ སྐུགས་བསྡོམས་ ༣༦༤ འབདཝ་ད་ བརྒྱ་ཆ་ ༩༡ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ བསམ་རྩེ་འབྲིང་རིམ་སློབ་གྲྭ་གོང་མ་ལས་ རྟ་མགྲིན་རྡོ་རྗེ་གིས་ བརྒྱ་ཆ་ ༩༠ ཐོབ་སྟེ་ ཨང་ ༢ པ་དང་ ཇུ་བེན་ར་ན་གིས་ བརྒྱ་ཆ་ ༨༩.༢༥ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།

ཚོང་རིག་ནང་ཡང་ ཨྱོན་རིག་པའི་འབྱུང་གནས་ལས་ རྣམ་རྒྱལ་དཔལ་མོ་གིས་ སྐུགས་བསྡོམས་ ༣༦༡ འབདཝ་ད་ བརྒྱ་ཆ་ ༩༠.༢༥ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ཐིམ་ཕུ་དབྱངས་ཅན་ཕུག་ འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལས་ དངོས་གྲུབ་ཡེ་ཤེས་ཀྱིས་ སྐུགས་ ༣༤༡ དང་ བརྒྱ་ཆ་ ༨༥.༢༥ ཐོབ་སྟེ་ ཨང་ ༢ པ་དང་ སི་ཇཱལ་ཆེ་ཏི་རི་གིས་ སྐུགས་ ༣༣༩ དང་ བརྒྱ་ཆ་ ༨༤.༧༥ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།

དེ་ལས་ ནང་རིག་ཆོས་ཚན་ནང་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ བདེ་སྐྱིད་མཚོ་མོ་གིས་ སྐུགས་བརྒྱ་ཆ་ ༨༣.༧༥ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ཨྱོན་རིག་པའི་འབྱུང་གནས་ལས་ སངས་རྒྱས་དོན་གྲུབ་ཚེ་རིང་གིས་ སྐུགས་བརྒྱ་ཆ་ ༨༣ ཐོབ་སྟེ་ ཨང་ ༢ པ་དང་ བདེ་མཆོག་དབང་མོ་གིས་ སྐུགས་བརྒྱ་ཆ་ ༨༢.༢༥ ཐོབ་སྟེ་ ཨང་༣ པ་ཐོན་ནུག།

སྤྱི་ལོ་ ༢༠༡༨ ལོར་ སྤྱིར་བཏང་རྒྱལ་ཡོངས་ཀྱི་ མཐར་འཁྱོལ་ཚད་གཞི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ བརྒྱ་ཆ་ ༦.༦༩ དེ་ཅིག་ མར་བབས་སོང་ཡོད་མི་དེ་ཡང་ སྤྱི་ལོ་ ༢༠༡༧ ལུ་ སྤྱིར་བཏང་མཐར་འཁྱོལ་ བརྒྱ་ཆ་ ༩༡.༤༧ ཨིན་པས།

ཆོས་རྒྱུགས་དེ་ནང་ གཞུང་གི་འབྲིང་རིམ་སློབ་གྲྭ་གོང་མ་ ༤༩ དང་ སྒེར་གྱི་སློབ་གྲྭ་ ༡༩ གི་ནང་ལས་ སློབ་ཕྲུག་ ༡༠,༦༤༨ ཀྱིས་ ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་མི་ལས་ སློབ་ཕྲུག་ ༡༠,༥༠༣ གྱིས་ ཆོས་རྒྱུགས་ཕུལ་ཡོདཔ་བཞིན་དུ་ སློབ་ཕྲུག་ ༩,༡༡༤ གིས་ མཐར་འཁྱོལ་བྱུང་ནུག།

སྐད་ཡིག་དང་ ལམ་སྲོལ་སློབ་གྲྭ་ཆེ་བའི་ནང་ལས་ སྟག་རྩེ་སློབ་གྲྭ་ལྟེ་བ་དང་ སྡེ་སྲིད་སློབ་གྲྭ་ཆེ་བ་ སྐད་ཡིག་དང་ ལམ་སྲོལ་སློབ་གྲྭ་ དེ་ལས་ བུམ་ཐང་བསོད་ནམས་ཀུན་ཕན་ འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་ཕྲུག་ ༤༠༤ ཐོ་བཀོད་འབད་མིའི་གྲས་ལས་ ༣༨༦ གིས་ ཆོས་རྒྱུགས་ཕུལ་བཞིན་དུ་ ༢༦༦ གིས་ མཐར་འཁྱོལ་བྱུང་ནུག།

དབྱེ་ཁག་དེ་ནང་ སྡེ་སྲིད་སློབ་གྲྭ་ཆེ་བ་ལས་ ཚེ་རིང་རྡོ་རྗེ་གིས་ སྐུགས་བརྒྱ་ཆ་ ༧༨.༢༥ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ འཇིགས་མེད་བཟང་མོ་གིས་ སྐུགས་བརྒྱ་ཆ་ ༧༧.༧༥ ཐོབ་སྟེ་ ཨང་ ༢ པ་དང་ དང་ ནོར་བུ་དབང་འདུས་ཀྱིས་ སྐུགས་བརྒྱ་ཆ་ ༧༧ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།

གལ་སྲིད་ སློབ་ཕྲུག་ཚུ་གིས་ རང་སོའི་ལན་ཤོག་ཚུ་ ལོག་བརྟག་ཞིབ་འབད་དགོ་པ་ཅིན་ དུས་ཚོད་དེ་ སྤྱི་ཟླ་ ༢ པའི་ཚེས་ ༤ ཚུན་ཨིནམ་ད་ གྲུབ་འབྲས་དེ་ སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ གསལ་སྟོན་འབད་ནི་དང་ ཆོས་རྒྱུགས་ཀྱི་ ལག་ཁྱེར་ཚུ་ རང་སོའི་སློབ་གྲྭ་ཁག་ལས་ སྤྱི་ཟླ་ ༣ པའི་ བདུན་ཕྲག་ ༢ པའི་ནང་ འཐོབ་ཚུགས་ནི་ཨིན་པས།

ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ རྒྱལ་ཁབ་ཕྱི་ནང་ ༢ ལུ་ མཐོ་རིམ་ཤེས་ཡོན་གྱི་ སློབ་གཉེར་གྲོགས་རམ་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ ས་སྟོང་ ༡༧༥ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

26/01/2019

བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་ ས་སྟོང་གསལ་བསྒྲགས།

26/01/2019

རྒྱལ་ཁབ་ནང་ ཨ་ལོའི་ཨའི་ཚུ་ལུ་ སྐྱེས་མའི་འཐུས་ བྱིན་ནི་གི་ ཁས་བླངས་འབད་མི་དེ་ དཔལ་འབྱོར་གྱི་ གནས་སྟངས་དང་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ལུ་ གཙོ་བོར་བཟུང་ཐོག་ལས་ ཟླ་ངོ་ ༦ གི་རིང་ལུ་ གནང་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢༥ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ནང་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསུངས་ཡོདཔ་ད་ ཨ་ལོའི་ཨའི་ཚུ་ལུ་ དེ་བཟུམ་མའི་ འཐུས་བྱིན་ནི་ཨིན་མི་དེ་ ཨ་ལོ་རྨས་སྐྱེས་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ཐོག་ལས་ དུས་ཚོད་ཁར་ སྤུས་ཚད་ཅན་གྱི་ ཨོམ་བྱིན་ཐབས་ལུ་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ བརྡ་བརྒྱུདཔ་ཚུ་ལུ་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ སྐྱེས་མའི་འཐུས་དེ་ དཔལ་འབྱོར་གྱི་ དཀའ་ངལ་དང་ རང་སོའི་ཁྱིམ་ནང་ ཨ་ལོ་ཚུ་ལུ་ བཞེས་སྒོ་བྱིན་མ་ཚུགས་པའི་ དཀའ་ངལ་ཡོད་མི་ཚུ་ལུ་ གཙོ་བོར་གཏོན་འོང་ཟེར་ཨིནམ་ད་ གསོ་བའི་ཁ་ཐུག་ལས་ཡང་ ཟླ་ངོ་ ༦ གི་རིང་ལུ་ འཐུས་བྱིན་མི་དེ་གིས་ མ་བུ་གཉིས་ཆ་ར་ལུ་ ཕན་ཐོགས་ཚུགས་ཟེར་ཨིན་པས།
ཨའི་གིས་ ཨ་ལོ་ལུ་ སྤུས་ཚད་ཅན་གྱི་ ཨོམ་བྱིན་དགོ་པ་ཅིན་ ཨའི་གི་གཟུགས་ཁམས་དེ་ ཕྱི་ནང་གཉིས་ཆ་ར་ བདེ་ཏོག་ཏོ་དགོཔ་མ་ཚད་ ཟས་བཅུད་ཅན་ཚུ་ཡང་ ག་ནི་བ་ གལ་ཆེཝ་ལས་ མ་བུ་གཉིས་ཆ་ར་ སྨན་ཁང་ནང་ སོང་ཞིནམ་ལས་ བརྟག་དཔྱད་འབད་དགོཔ་དེ་ཡང་ གལ་ཆེ་ཟེར་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ ཨ་ལོ་ཚུ་ལུ་ སྤུས་ཚད་ཅན་གྱི་ ཨོམ་མེད་པ་ཅིན་ གཟུངས་ཁམས་འཕྲོད་བསྟེན་ལུ་ གནོད་པ་ཡོདཔ་ལས་ གཞུང་གིས་ སྤུས་ཚད་ཅན་གྱི་ ཨོམ་བྱིན་ཚུགས་མི་ ག་དེམ་ཅིག་ཡོད་ག་ཡང་ བལྟ་དགོཔ་དེ་ གལ་ཆེ་ཟེར་ཨིནམ་ད་ སྤུས་ཚད་ཅན་གྱི་ ཨོམ་བྱིན་མ་ཚུགས་པ་ཅིན་ རྒྱལ་ཁབ་ལུ་ བྱེམ་ཕོག་འོང་ཟེར་ཨིན་པས།
ཨ་ལོ་ཚུ་གི་ འཕྲོད་བསྟེན་ལུ་ ཉིནམ་དང་པ་ལས་ གནོད་པ་འབྱུང་པ་ཅིན་ བཅོ་ཁ་རྐྱབ་མི་ཚུགས་ནི་ཨིནམ་ལས་ གཞུང་གིས་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཐབས་ཤེས་སྣ་ཚོགས་ སྟོན་དོ་ཟེར་ཨིན་པས།
དེ་སྦེ་ སྐྱེས་མའི་འཐུས་ སྤྲོད་ནི་དང་འབྲེལ་ཏེ་ ཨམ་སྲུ་དང་ ཨ་ལོ་ཚུ་ དུས་ཚོད་ཁར་ སྨན་ཁང་ནང་ སྨན་བཅོས་འབད་བར་ འོང་དགོ་པའི་ ཚད་གཞི་ཚུ་ཡང་ བཟོ་ནི་ཨིནམ་ད་ དེ་ཡང་ མ་བུ་གཉིས་ཆ་ར་ ཟླ་རིམ་ཚར་རེ་ སྨན་ཁང་ནང་ གཟུགས་ཁམས་བརྟག་དཔྱད་འབད་བར་ འོང་བཅུག་ཐབས་ལུ་ཨིན་ཟེར་ མི་རྗེ་བློན་ཆེན་མཆོག་གིས་ གསུངསམ་ཨིན་པས།
འཐུས་དེ་ལུ་བརྟེན་ཏེ་ ཨའི་ཚུ་གིས་ ཨ་ལོ་རྨས་སྐྱེས་ཚུ་ལུ་ བརྒྱ་ཆ་ལས་བརྒྱ་སྦེ་ར་ སྨན་ཁབ་བཙུགས་ནི་དང་ ཨ་ལོ་ཚུ་ སྨན་ཁང་ནང་ སྐྱེ་བཅུག་ཐབས་ལུ་ཨིནམ་ད་ ཨ་ལོའི་གཟུགས་ཁམས་ བརྟག་དཔྱད་ཀྱི་དོན་ལས་ སྨན་ཁང་ནང་ འོང་མི་ཚུ་ཡང་ གནས་ཐོ་ཚུ་ བཞག་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།

12/01/2019

ལཱ་གཡོག་གི་ ས་སྟོང་གསལ་བསྒྲགས།

12/01/2019

སྤྱི་ཟླ་ ༡ པའི་ཚེས་ ༡༡ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ ཡིག་ཚང་གི་ རྒྱལ་ཡོངས་མི་རློབས་ཀྱི་ དམིགས་གཏད་སྙན་ཞུ་ ༢༠༡༧ ལས་ ༢༠༤༧ ཚུན་དང་ རྫོང་ཁག་གི་ སྤྱི་ལོ་ ༢༠༡༧ ལས་ ༢༠༢༧ ཚུན་གྱི་ མི་རློབས་དམིགས་གཏད་ཀྱི་ སྙན་ཞུ་ ༢ གསར་བཏོན་གནང་ཡི།
དེ་བསྒང་ མི་རྗེ་ཚོགས་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ རྒེད་འོག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ནུག།
མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ ཡིག་ཚང་ལུ་ གཞུང་གི་ཁ་ཐུག་ལས་ རྒྱབ་སྐྱོར་མཛད་འོང་ཟེར་ཨིནམ་ད་ སྙན་ཞུ་དེ་ལུ་བརྟེན་ཏེ་ གཞུང་གིས་ འཆར་གཞི་ཚུ་ ག་ཅི་ར་བརྩམ་རུང་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ ཡིག་ཚང་གི་མདོ་ཆེན་ འཆི་མེད་ཚེ་རིང་གིས་ མི་རློབས་ཀྱི་ དམིགས་གཏད་ ༢༠༡༧ ལས་༢༠༤༧ ཅན་མ་དེ་ མ་འོངས་པའི་ནང་ མི་རློབས་ག་དེམ་ཅིག་ལུ་ ཡར་སེང་འགྱོ་ནི་ཨིན་ན་དང་ ཨ་ལོའི་སྐྱེ་རྒྱུན་གྱི་ ནུས་པ་ག་དེ་སྦེ་འདུག་ག་ བལྟ་ནིའི་དོན་ལུ་ཨིནམ་མ་ཚད་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་སྟེ་ འོང་མི་ཚུ་གི་སྐོར་ལས་ཡང་ ཤེས་ཚུགས་ཟེར་ཨིན་པས།
འབྲུག་གི་མི་རློབས་ཀྱི་ དམིགས་གཏད་དེ་ འཆར་གཞི་དང་ སྲིད་བྱུས་བརྩམ་ནི་ལུ་ཡང་ གལ་ཆེ་ཤོས་ཅིག་ཨིན་ཟེར་ མདོ་ཆེན་གྱིས་ བཤད་པའི་ཁར་ འཛམ་གླིང་རྒྱལ་སྤྱིའི་ འཆར་གཞི་དང་ སྲིད་བྱུས་རྩམ་མི་ཚུ་གིས་ འཐོན་སྐྱེད་བགོ་བཀྲམ་དང་ མཐུན་རྐྱེན་ག་ཅི་ཡོདཔ་ཨིན་ན་ཡང་ ལག་ལེན་འཐབ་འོང་ཟེར་ཨིན་པས།
མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༤༧ ལུ་ རྒྱལ་ཁབ་ནང་ མི་རློབས་ ༨༨༣,༨༦༦ ལུ་ ཡར་སེང་འབད་ནི་གི་ དམིགས་གཏད་བསྐྱེདམི་དེ་ མི་རློབས་ས་ཡ་ ༡ གི་ འོག་རྒྱུ་ཨིནམ་ལས་ ཚ་གྱང་ལང་མས་ཟེར་ཨིནམ་ད་ ཧེ་མར་ ཨ་ལོ་བཀག་ཐབས་ཀྱི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ འཛོལ་སོང་ནུག་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ གསལ་ཞུ་ཕུལ་མིའི་ནང་ ལས་འགུལ་དེ་གིས་ རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༡༦ ལས་ ༢༠༡༧ ཚུན་ ཕོ་སྐྱེས་ཀྱི་ཚེ་ཚད་ བརྒྱ་ཆ་ ༦༧.༦ འབད་མི་དེ་ སྤྱི་ལོ་ ༢༠༤༧ ལས་ བརྒྱ་ཆ་ ༧༥.༢ ལུ་ ཡར་སེང་འབད་ནི་དང་ ཨམ་སྲུའི་ཚེ་ཚད་ བརྒྱ་ཆ་ ༧༠.༦ འབད་མི་དེ་ སྤྱི་ལོ་ ༢༠༤༧ ལས་ བརྒྱ་ཆ་ ༧༨.༥ ལུ་ ཡར་སེང་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ ཡིག་ཚང་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྐྱེ་རྒྱུན་གྱི་ ནུས་ཚད་དེ་ མ་འོངས་པ་ལུ་ ཚད་གཞི་ ༢.༡ འོག་རྒྱུ་སྦེ་ ལུས་ནི་མས་ཟེར་ཨིནམ་ད་ ཨ་ལོ་སྐྱེ་ནི་གི་ ནུས་པ་མར་ཉམས་འགྱོ་བ་ཅིན་ སྤྱི་ལོ་ ༢༠༡༧ ལུ་ ལོ་བསྟར་ཨ་ལོ་སྐྱེས་མི་ བརྒྱ་ཆ་ ༠.༩༩ འབད་མི་དེ་ སྤྱི་ལོ་ ༢༠༤༧ ལས་ བརྒྱ་ཆ་ ༠.༢༧ ལུ་ མར་འབབ་འགྱོ་ནི་ཟེར་ཨིན་པས།
སྙན་ཞུ་འདི་ནང་ བསྐྱར་བཟོ་འབད་མི་ རྒྱལ་ཡོངས་ཀྱི་ མི་རློབས་དང་ རྫོང་ཁག་མི་རློབས་ཀྱི་ གྲངས་རྩིས་དེ་ གཏན་འཁེལ་ཨིནམ་ད་ སྙན་ཞུའི་ནང་ ལོ་བསྟར་བཞིན་དུ་ མི་རློབས་ག་དེ་སྦེ་ ཡར་སེང་འགྱོ་ནི་ཨིན་ན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས།
སྤྱི་ལོ་ ༢༠༡༧ ལས་ ༢༠༢༧ ཚན་གྱི་ རྫོང་ཁག་མི་རློབས་ཀྱི་ དམིགས་གཏད་དང་འཁྲིལ་བ་ཅིན་ ལོ་ངོ་ ༣༠ གི་རྒྱབ་ལས་ ཐིམ་ཕུ་ལུ་ ད་ལྟོ་ མི་རློབས་སྟོང་ཕྲག་ ༡༣༨ འབད་མི་དེ་ སྟོང་ཕྲག་ ༢༦༣ ལུ་ ཡར་སེང་འགྱོ་ནི་མས་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ར་ སྤ་རོ་ལུ་ སྟོང་ཕྲག་ ༤༦ ལས་ ༧༤ ལུ་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས།
ད་ལྟོ་ སྐྱེ་རྒྱུན་གྱི་ ནུས་ཚད་ ༡༧ ཡོད་མི་དེ་ ༡༡ ལུ་ མར་འབབ་འགྱོ་ནི་མས་ཟེར་ཨིནམ་ད་ ལོ་ན་རྒས་མི་ལུ་བརྟེན་ཏེ་ ཤི་རྐྱེན་གྱི་ ཚད་གཞི་ཡང་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༤༧ ལུ་ ཕོ་སྐྱེས་སྟོང་ཕྲག་ ༤༥༣ དང་ ཨམ་སྲུ་སྟོང་ཕྲག་ ༤༣༡ འོང་ནི་མས་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ ཕོ་མོའི་དཔྱ་ཚད་དེ་ ཨམ་སྲུ་ ༡༠༠ རེ་ལུ་ ཕོ་སྐྱེས་ ༡༠༥ རེ་ འོང་ནི་ཨིནམ་ལས་ འགྲོས་ཀྱིས་སྦེ་ ད་ལྟོའི་ཚད་གཞི་ལས་ ༡༡༠ ལུ་ མར་འབབ་འགྱོ་ནི་མས་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཨ་ལོ་སྐྱེ་ནི་གི་ ཚད་གཞི་ ༡.༩ ཡོད་ས་ལས་ སྤྱི་ལོ་ ༢༠༣༢ ལས་ ༡.༧ ལུ་ མར་འབབ་འགྱོ་ནི་ཨིན་རུང་ སྤྱི་ལོ་ ༢༠༤༧ ལས་ ཚད་གཞི་ཅོག་འཐདཔ་སྦེ་ར་ ལུས་ནི་ཨིན་པའི་གནས་ཚུལ།

12/01/2019

སྤྱི་ཟླ་ ༡ པའི་ཚེས་ ༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའི་གནང་བ་དང་བསྟུན་ཏེ་ གཞུང་གི་ཁ་ཐུག་ལས་ དངུལ་ཕོགས་ལྷན་ཚོགས་ ༤ པ་ གཞི་བཙུགས་གནང་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ སྤྱི་ཟླ་ ༡༡ པའི་ནང་ གཞུང་དབུ་བརྙེསཔ་དང་འབྲེལ་ཏེ་ ལྷན་རྒྱས་གཞུང་ཚོགས་ནང་ལས་ དངུལ་ཕོགས་ལྷན་ཚོགས་ གཞི་བཙུགས་མཛད་ནི་གི་ གྲོས་ཐག་བཅད་གནང་ཡོདཔ་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ དགོངས་དོན་དང་འཁྲིལ་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ གྲོས་འདེབས་ཕུལ་མི་དེ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ངོས་ལེན་མཛད་གནངམ་ལས་ གཞུང་གི་ཁ་ཐུག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་དེ་ གཞི་བཙུགས་གནང་ཡི་ཟེར་ཨིན་པས།
སྤྱི་ཟླ་ ༡ པའི་ཚེས་ ༡༠ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་ཚུ་གིས་ དངུལ་ཕོགས་ལྷན་ཚོགས་ཀྱི་ འཐུས་མི་ཚུ་དང་ མཇལ་ཕྲད་ཀྱིས་ ཞིབ་འཇུག་མཐིལ་ཕྱིན་ཐོག་ལས་ གྲོས་འཆར་ཚུ་ ཕུལ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
དངུལ་ཕོགས་ལྷན་ཚོགས་ ༤ པ་གིས་ བརྟག༌ཞིབ༌ཐོག༌ལས༌ དངུལ་ཕོགས་དང་ ཟུར་འཐུས་ ཁེ་ཕན་ལ་སོགས་པའི་ ཐོབ་ལམ་གཞན་ཚུ་ཡང་ གཞི་བཀོད་བསྐྱར་བཟོའི་ གྲོས་འདེབས་ཚུ་ ཕུལ་དགོ་ནི་ཨིན༌པས།
དངུལ་ཕོགས་ལྷན་ཚོགས་ཀྱི་ ལས་བྱེད་འཐུས་མི་ཚུ་ ལས་སྡེ་ནང་འཁོད་ལུ་ ཉམས་མྱོང་དང་ ལྕོགས་གྲུབ་ཡོད་མི་ཚུ་ གདམ་འཐུ་མཛད་ཡོདཔ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་དེ་ དངུལ་ཕོགས་ལྷན་ཚོགས་ཀྱི་ ཁྲི་འཛིན་ཨིན་པས།
དེ་ལས་ འཐུས་མི་ཚུ་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དྲགོས་ཀརྨ་འོད་ཟེར་རལ་གྲི་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་ སྐལ་བཟང་བདེ་སྐྱིད་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ བཀོད་ཁྱབ་གཙོ་འཛིནའགོ་དཔོན་་ དུང་སྤྲུགས་འབྲུག་པ་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་རྡོ་རྗེ་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་ མངོན་མཐོ་ཁྲིམས་འདུན་གྱི་ ཡོངས་ཁྱབ་རྩོད་འཛིན་ ཚེ་རིང་རྡོ་རྗེ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་མདོ་ཆེན་ འཆི་མེད་ཚེ་རིང་ཚུ་ཨིན་པས།
དངུལ་ཕོགས་ལྷན་ཚོགས་ཀྱིས་ ཟླ་ངོ་ ༣ གྱི་ ནང་འཁོད་ལུ་ གྲོས་འདེབས་ཚུ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་དགོཔ་ད་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་གི་དོན་ལུ་ སྤྱི་ཚོགས་ནང་ བཙུགས་ནི་ཨིན་པས།
འཆར་གཞི་ ༡༢ པའི་ནང་ དངུལ་ཕོགས་དང་ ཟུར་འཐུས་ཀྱི་དོན་ལུ་ མ་དངུལ་ཐེར་འབུམ་ ༧༥ བཞག་སྟེ་ཡོད་མི་ལས་ དངུལ་ཀྲམ་ཐེར་འབུམ་ ༢༠ གིས་ དངུལ་ཕོགས་ཡར་སེང་ འགབ་ཚུགས་ནི་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་གནས་ཡུན་སྐབས་ལུ་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ལན་ཐེངས་ ༢ ཡར་སེང་འབད་ནི་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ ཅ་ཆས་གོང་ཚད་ཀྱི་ གནས་སྟངས་དང་འཁྲིལ་ཏེ་ དངུལ་ཕོགས་ཚུ་ ལོ་བསྟར་བསྐྱར་ཞིབ་དང་ སྤྱིར་བཏང་ཞི་གཡོགཔ་ཚུ་གི་ སྡེ་རིམ་ཚུ་ཡང་ བསྐྱར་ཞིབ་འབད་ནི་གི་ ཁས་བླངས་འབད་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༠༩ ལས་ ༢༠༡༨ ཚུན་གྱི་ ནང་འཁོད་ལུ་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ལན་ཐེངས་ ༣ ཡར་སེང་གནང་ཡོད་པའི་གནས་ཚུལ།

Address


Alerts

Be the first to know and let us send you an email when Bhutan Tourism- SN Excursions posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

  • Address
  • Alerts
  • Claim ownership or report listing
  • Want your business to be the top-listed Travel Agency?

Share